Abstract

ད་ལོ་ཚུན་ཚོད་ འབྲུག་རྒྱལ་ཁབ་ཀྱི་རོང་ཁག་དང་ ལུང་ཕོགས་ཁག་ལས་ཕར་ གཡུས་སྐད་མ་འདྲཝ་ ཤར་ཕོགསཔ་ ལོ་མཚམས་ ཁེངས་ཁ་ཟེར་ ལེ་ཤ་ར་སབ་སོལ་ཡོད་པའི་ངག་གཤིས་ཚུ་ལས་ རྒྱལ་ཡོངས་ཀྱི་ཁ་སྐད་རོང་ཁ་འདི་ སབ་པའི་སྐབས་ལུ་ རྗོད་སྒྲ་མ་དགཔ་ ག་དེ་སྦེ་ར་འབྱུང་དོ་ཡོདཔ་ཨིན་ན་ ཞིབ་འཚོལ་གྱི་ཐོག་ལས་ ཡིག་ཐོག་ལུ་བཀོད་བཀོདཔ་མི་འདུག། དེ་འབདཝ་ལས་ གཡུས་སྐད་སོ་སོ་ལུ་བརྟེན་ཏེ་ རོང་ཁའི་གསལ་བྱེད་དང་མགོ་འདོགས། སྔོན་འཇུག་ཡོདཔ་དང་མེད་པའི་མིང་ཚིག། རྗེས་འཇུག་ཞུགས་ཡོད་པའི་མིང་ཚིག་དང་ དམིགས་བསལ་རོང་ཁའི་རྗོད་སྒྲ་སོ་སོ་ཡོད་པའི་མིང་ཚིག་ཚུའི་རྗོད་སྒྲ་མ་དགཔ་ ག་དེ་སྦེ་ར་ཡོད་ག་ ཁ་གསལ་སྦེ་ཧ་གོ་ཚུགས་ནིའི་དོན་ལས་ མཐོ་རིམ་སོབ་གྲྭའི་སོབ་ཕྲུག་ཚུ་ལུ་ གཡུས་ཀྱི་ངག་གཤིས་ལས་བརྟེན་ཏེ་ རོང་ཁའི་རྗོད་སྒྲ་ལུ་ དཀའ་ངལ་གྱི་ཁྱད་པར་ འཚོལ་ཞིབ་ཟེར་བའི་ དོན་ཚན་ཐོག་ལུ་ གཡུས་སྐད་ཁག་མ་འདྲཝ་བརྒྱད་ལས་ བཅའ་མར་གཏོགས་མི་སོབ་ཕྲུག་ ཕོ་མོ་ཡོངས་བསོམས་ ༨༠ ལུ་ ཁུངས་བཙན་ཐབས་ལམ་ ལ་རོག་དང་ཡིག་ཆ་དབྱེ་དཔྱད་གཉིས་ ལག་ལེན་འཐབ་སྟེ་ ཞིབ་འཚོལ་འབད་བའི་སྐབས་ལུ་ སྤྱིར་བཏང་ སོབ་ཕྲུག་གེ་ར་ལུ་ཁྱབ་མཉམ་སྦེ་ ཡོད་པའི་རྗོད་སྒྲའི་དཀའ་ཅིག་དང་། དམིགས་བསལ་ གཡུས་སྐད་སོ་སོ་སབ་མི་ལུ་ཡོད་པའི་རྗོད་སྒྲའི་དཀའ་ངལ་ཅིག་སྦེ་ དཀའ་ངལ་ཁག་གཉིས་ཡོདཔ་སྦེ་ ཐོན་ཏེ་ཡོད་མི་ཚུ་ ཞིབ་འཚོལ་སྙན་འདི་ནང་ལུ་ ཁ་གསལ་སྦེ་བཀོད་དེ་ཡོདཔ་ཨིན།

Full Text
Published version (Free)

Talk to us

Join us for a 30 min session where you can share your feedback and ask us any queries you have

Schedule a call